དཔལ་ཡུལ་རྫོང་གིས་རང་བྱུང་གནོད་འཚེ་སྔོན་འགོག་གི་སྦྱོང་བརྡར་བྱེད་སྒོ་སྤེལ།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༧ ཚེས་ ༡༡

ཐེངས་འདིར་གནོད་འཚེ་སྔོན་འགོག་གི་སྦྱོང་བརྡར་བྱེད་སྒོ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་གོམ་གང་མདུན་སྤོས་སྒོས་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་གནོད་འཚེ་སྔོན་འགོག་གི་འདུ་ཤེས་དང་མང་ཚོགས་ཀྱི་རང་སྐྱོབ་ནུས་པ་མཐོར་འདེགས་སུ་གཏོང་བ་དེ་ཡིན་ཞིང་། དུས་མཚུངས་སུ་དཔལ་ཡུལ་རྫོང་གི་ཆུ་ལོག་གི་གནོད་འཚེ་སྔོན་དཔག་དང་སྔོན་འགོག་གི་ལག་ལེན་ལ་ཚད་ལེན་བྱས་པར་མ་ཟད། རྫོང་དང་ཡུལ་ཤོག་གི་ཉེན་སྐྱོབ་རུ་ཁག་དང་དམངས་དམག་གི་གནོད་འཚེ་ལ་ཁ་གཏད་འཇལ་བའི་ནུས་པར་སྦྱོང་བརྡར་ཡང་བྱས་པ་རེད།།