སི་ཁྲོན་དཀར་མཛེས་ཁུལ་གྱི་ཡུལ་སྐོར་དུས་ཆེན་ཉག་ཆུ་ཁར་སྤེལ།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༧ ཚེས་ ༡༡
        སྤྱི་ཟླ་7ཚེས8ཉིན།  སི་ཁྲོན་དཀར་མཛེས་ཀྱི་རི་ཁུལ་གྱི་ཡུལ་སྐོར་དུས་ཆེན་དང་ཁམས་པའི་ཕོ་རྒོད་གྲོང་རྡལ་4Aཡི་ཡུལ་སྐོར་ཁུལ་འགོ་ཚུགས་པའི་མཛད་སྒོ་ཉག་ཆུ་ཁའི་མགོ་ལོག་ཤུལ་དུ་སྤེལ།
        བྱེད་སྒོའི་སྟེང་ཀྲུང་གོའི་ཁམས་པའི་ཕོ་རྒོད་གྲོང་རྡལ་གྱི་རིག་གནས་ཡུལ་སྐོར་བྱ་ཡུལ་ཁྱབ་བསྒྲགས་དང་། ཉག་ཆུ་ཁའི་ཐུན་མོང་མིན་པའི་ཡུལ་སྲོལ་རིག་གནས་དང་ཁམས་པའི་ཕོ་རྒོད་གྲོང་རྡལ་རྒྱལ་ཁབ་ཀྱི་4Aཡུལ་སྐོར་ཁུལ་གསར་སྤེལ་བྱེད་པ་ཁྱབ་བསྒྲགས་བྱས།
        འགོ་ཚུགས་མཛད་སྒོའི་སྟེང་དུ། རྫོང་དེ་གའི་འགོ་ཁྲིད་ཀྱིས་ཁམས་པའི་ཕོ་རྒོད་གྲོང་རྡལ་གྱི་ཡུལ་སྐོར་ཁྱད་ལས་མཉམ་ལས་ཁང་ལ་སྒོ་བྱང་སྤྲད་པ་དང་མཉམ་ལས་ཁང་དེ་དབུ་བརྙེས་པ་ཁྱབ་བསྒྲགས་བྱས།   ཉིན་དེར་ཡུལ་དེ་གའི་མང་ཚོགས་རྣམས་ཀྱིས་སྲོལ་རྒྱུན་གྱི་སྐོར་བྲོ་དང་རྟ་རྒྱུག་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།།