བོད་ལྗོངས་ཀྱི་སོ་ནམ་པ་ཚོས་འོང་སྐོར་བཏང་ནས་ལོ་ལེགས་ཡོང་བར་སྨོན་པ།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༧ ཚེས་ ༡༡

ཟླ་བདུན་པའི་གངས་ལྗོངས་མཐོ་སྒང་ནི་ཆར་ཆུ་མོད་ལ་ཉི་འོད་ཆེ་བའི་དུས་ཤིག་རེད། འོང་ཁའི་སྙེ་མ་རེ་རེ་ཡང་མགོ་བོ་ལྗིད་ཏིག་ཏིག་ཏུ་སྣང་ལ། བསིལ་རླུང་དང་བསྡེབས་ནས་སྙེ་མའི་རྦ་རླབས་འཕྱུར་བཞིན་པ་དེ་ནི་སོ་ནམ་པའི་སེམས་ཁོངས་ཀྱི་བདེ་སྐྱིད་ཆུ་རིས་དང་གཉིས་སུ་མ་མཆིས།

ཡུལ་ཕྱོགས་གང་དུའང་སྙེ་མའི་དྲི་གསུང་འཐུལ་བའི་དུས་ཚིགས་འདི་ལ། བོད་ལྗོངས་ཀྱི་སོ་ནམ་ཁུལ་གཙོ་བོ་དག་ཏུ་ལོ་རེར་འོང་སྐོར་ཐེངས་རེ་གཏོང་བའི་དུས་དང་འཁེལ་ཞིང་། སོ་ནམ་པ་ཚོས་དུས་ཆེན་གྱི་གཟབ་མཆོར་སྤྲས་ཏེ་ཆོས་དཔེ་འཁུར་ནས་འོང་ཁ་སྐོར་བ་དང་། ཆར་ཆུ་དུས་སུ་འབབ་པ་དང་ལོ་ལེགས་ཡོང་བའི་གསོལ་སྨོན་འདེབས་བཞིན་ཡོད་པ་རེད།
