འདབ་པ་རྫོང་གིས་ལྗང་བསྒྱུར་ལ་ཤུགས་སྣོན་བྱས་པ།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༧ ཚེས་ ༥
        སྤྱི་ཟླ་7པའི་ཚེས་3ཉིན་སྤེལ་བའི་གནས་ཚུལ་ལྟར།  དཀར་མཛེས་ཁུལ་འདབ་པ་རྫོང་ཁོངས་ཀྱི་ཞིང་ཆེན་གཞུང་ལམ་གྱི་ངོགས་གཉིས་སུ་ལྗང་མདོག་གི་ལྗོན་ཤིང་ག་ས་གང་དུ་མཐོང་རྒྱུ་ཡོད།  ད་ལོར།  འདབ་པ་རྫོང་གིས་གཞི་རྒྱ་ཆེན་པོས་ཁུལ་ཡོངས་ལྗང་མདོག་ཅན་དུ་བསྒྱུར་བ་ལས་འདབ་པའི་སྤྱོད་པ་ཞེས་པ་ལག་བསྟར་བྱས་པའི་ཁྲོད།  རི་ལ་ཤིང་འཛུགས་པ་དང་ལམ་ལ་མེ་ཏོག་འདེབས་པ།  གཙང་པོ་མཚེའུ་རུ་བསྒྱུར་བ་ཞེས་པའི་ནགས་ལས་འཛུགས་སྐྲུན་གྱི་ལས་གཞི་གལ་ཆེན་དང་ལྗང་མདོག་ཇེ་རྒྱས་སུ་བཏང་།  དབུལ་སྒྲོལ་འགག་སྒྲོལ་དང་ས་ཁོངས་རིག་གནས་གཉིས་ཟུང་སྦྲེལ་དང་། བྱང་བུ་དང་ཡིག་ཚགས་བཟོས་པའི་དུད་ཚང་ཟབ་ཞུགས་བྱེད་པར་རྩ་འཛུགས་བྱས་ནས་ཤིང་སྡོང་32000ལྷག་བཙུགས་པ་རེད། །