2017ལོའི《མི་རིགས་ཀྱི་རྩོམ་རིག》བོད་ཡིག་པར་མའི་རྩོམ་པ་པོ་དང་ལོ་ཙཱ་བའི་ཟབ་སྦྱོང་འཛིན་གྲྭ་དང་ལི་ཐང་གི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་དང་པོའི་གསར་རྩོམ་ཚོགས་འདུ་ལི་ཐང་དུ་འཚོགས།
ཡོང་ཁུངས། ཁམས་པའི་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༧ ཚེས་ ༤

ཚོགས་རའི་ཡུལ་དངོས།

སི་ཁྲོན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའ་ཞི་གཞོན་པ་དང་དཀར་མཛེས་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སྐལ་བཟང་འགྱུར་མེད་ཀྱིས་གཙོ་སྐྱོང་གནང་བཞིན་པ།

ལི་ཐང་རྫོང་ཨུའི་ཧྲུའུ་ཅི་དགེ་ལེགས་རྡོ་རྗེས་གསུང་བཤད་གནང་བཞིན་པ།

《མི་རིགས་ཀྱི་རྩོམ་རིག》གི་གཙོ་སྒྲིག་པ་གཞོན་པ་ཀྲའོ་ཡན་པིའུ་ཡིས་གསུང་བཤད་གནང་བཞིན་པ།

རྩོམ་རིག་དཔྱད་བརྗོད་པ་ཧི་ཙེ་དབྱིན་གྱིས་འཆད་ཁྲིད་གནང་བཞིན་པ།

བོད་ཀྱི་སྒྲུང་གཏམ་རྩོམ་པ་པོ་ཚེ་རིང་ནོར་བུ་ཡིས་འཆད་ཁྲིད་གནང་བཞིན་པ།
སྤྱི་ཟླ་7པའི་ཚེས་3ཉིན། 2017ལོའི《མི་རིགས་ཀྱི་རྩོམ་རིག》བོད་ཡིག་པར་མའི་རྩོམ་པ་པོ་དང་ལོ་ཙཱ་བའི་ཟབ་སྦྱོང་འཛིན་གྲྭ་དང་ལི་ཐང་གི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་དང་པོའི་གསར་རྩོམ་ཚོགས་འདུ་ལི་ཐང་རྫོང་དུ་འཚོགས་པ་རེད།
བྱེད་སྒོ་འདི་ནི་མི་རིགས་ཀྱི་རྩོམ་རིག་དུས་དེབ་ཁང་དང་ཀྲུང་གུང་ལི་ཐང་རྫོང་ཨུ། ལི་ཐང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། དཀར་མཛེས་ཁུལ་རིག་རྩལ་ལྷན་ཚོགས་དང་ཁུལ་གླུ་གར་ཚོགས་པ། ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་གསར་འགྱུར་ཅུས། ཀྲུང་གུང་ལི་ཐང་རྫོང་ཨུ་དྲིལ་བསྒྲགས་པུའུ་བཅས་ཀྱིས་སྒྲུབ་གཉེར་བྱེད་རོགས་བྱས་པ་རེད།
སི་ཁྲོན་རྩོམ་རིག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། དཀར་མཛེས་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སྐལ་བཟང་འགྱུར་མེད་ཀྱིས་ཚོགས་འདུའི་གཙོ་སྐྱོང་བྱས་པ་རེད།

མི་རིགས་ཀྱི་རྩོམ་རིག་གི་གཙོ་སྒྲིག་པ་གཞོན་པ་ཀྲའོ་ཡན་པེའུ་ཡིས་བཤད་དོན། རྩོམ་རིག་ཡིག་བསྒྱུར་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པས་རྗེས་སུ་རྒྱ་བོད་གཉིས་ཀྱི་ལམ་ནས་བརྩམས་པའི་བརྩམས་ཆོས་ཕན་ཚུན་བསྒྱུར་རེས་བྱ་རྒྱུ་ལ་མཐོང་ཆེན་བྱ་དགོས་པ་དང་། རྩོམ་པ་པོ་ཞིག་ཡིན་ན་རྩོམ་རིག་ལ་ཕྱིར་མི་ལྡོག་པའི་དད་པ་ཡོད་དགོས་ལ། རྩོམ་སྒྲིག་པ་ཞིག་ཡིན་ན་རྩོམ་པ་པོ་རབ་འབྲིང་ཐ་གསུམ་ལ་གོ་སྐབས་སྦྱིན་དགོས་པ་ཞིག་རེད།
