དམངས་ཁྲོད་དང་སྲིད་གཞུང་གིས་ནུས་ཤུགས་མཉམ་འདོན་གྱིས་མཚོ་སྔོན་པོའི་གསེར་ཉ་སྐྱོབ་པ།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༧ ཚེས་ ༣

བསྡོམས་རྩིས་བྱས་པར་གཞིགས་ན། 2002ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོའི་ནང་སྐྱེ་འཕེལ་ཡོང་བའི་གསེར་ཉའི་ཉ་སོན་ཁྱོན་བསྡོམས་དུང་ཕྱུར་1ལྷག་བཏང་ཡོད་པ་དང་། གསོན་ཚད་85%ཟིན་ཞིང་། ལོ་ངོ་15རིང་ལ་འབད་བརྩོན་བྱས་པ་བརྒྱུད། དེའི་ཐོན་ཁུངས་ཚད་བརྟན་པོའི་ངང་2016ལོའི་ཏུན་ཁྲི་7.08ལ་བསྐྱར་གསོ་བྱུང་ཡོད་པ་རེད།།


