《གེ་སར་རྒྱལ་པོ།》རྒྱལ་ཡོངས་ན་གཞོན་གྱི་པར་སྐྲུན་རིགས་བརྒྱའི་འོས་སྦྱོར་མིང་ཐོར་ཚུད་པ།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༦ ཚེས་ ༢༨

རྒྱུས་ལོན་བྱུང་བ་ལྟར་ན། 2016ལོའི་ཟླ་6པར་《གེ་སར་རྒྱལ་པོ།》མུ་འབྲེལ་འགུལ་རིས་བརྙན་འཕྲིན་ཟློས་གར《རྟ་རྒྱུགས་རྒྱལ་འཇོག》དང་《ཧོར་གླིང་གཡུལ་འགྱེད།》(སྟོད་ཆ་དང་སྨད་ཆ)གཉིས་བཟོ་བསྐྲུན་ལེགས་འགྲུབ་བྱུང་ནས་པར་སྐྲུན་བྱས། མུ་འབྲེལ་འགུལ་རིས་བརྙན་འཕྲིན་འདི་ལས་ས་གནས་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ལ། མ་རྩོམ་སོར་འཇོག་གི་རྨང་གཞིའི་སྟེང་ནང་དོན་དང་ཞིབ་ཕྲའི་བྱུང་རིམ་ལ་བཟོ་བཅོས་ཅུང་ཙམ་བྱས་ཡོད་པས་དུས་རབས་ཀྱི་ཁྱད་ཆོས་དང་སློབ་གསོའི་ཕན་ནུས་ཆེན་པོ་ལྡན་པ་རེད། །