མོས་རང་གི་སྒོ་འགྲམ་ནས་ལྗོངས་སྐོར་ཡོང་འབབ་རྙེད།


2016ལོའི་ཟླ་9བར། བདག་གིས་སི་ཁྲོན་བཟོ་ཚོང་སློབ་གླིང་གི་སློབ་ཞུགས་གོང་གི་སློབ་གསོའི་ཆེད་ལས་ལ་རྒྱུགས་འཕྲོད། གཏམ་འདིས་ང་དང་ཁྱིམ་མི་རྣམས་དགའ་བ་དང་སེམས་ཁྲལ་འདྲེས་མས་ཁེངས། དགའ་བ་ཞིག་ལ་ང་ལ་མུ་མཐུད་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་པ་རེད། སེམས་ཁྲལ་ཆེ་ཤོས་ནི། ངེད་ཚང་གིས་སློབ་ཡོན་དེ་འདྲའི་མཐོན་པོ་སྤྲོད་མི་ཐུབ། སྐབས་དེར། དབུལ་སྐྱོར་གནད་འཁེལ་གྱིས་ངེད་ཚང་ལ་རོགས་དངུལ་སྦྱིན་བྱུང་ཟེར། ཁ་པར་བཏང་ནས་བཅར་འདྲི་བྱས་པ་ཡིན་མོད། གསར་འགོད་པས་ཧོང་ཞིའུ་ཡིང་གི་བུ་མོའི་སེམས་འགུལ་ཐེབས་པའི་རྣམ་པ་ཚོར་ཐུབ། དབུལ་སྐྱོར་གནད་འཁེལ་ལས་དོན་སྤེལ་བ་ནས་བཟུང་། ལིས་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཧོང་ཞིའུ་ཡིང་ཚང་ལ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བྱ་བར་རོགས་སྐྱོར་བྱས། མོའི་བྱིས་པ་ལ་སློབ་ཡོན་རོགས་དངུལ་སྤྲད་ནས་ཧོང་ཞིའུ་ཡིང་ལ་སྐུལ་མ་བཏང་ནས་དབུལ་སྒྲོལ་ཕྱུག་སྒྱུར་ལ་ཡིད་ཆེས་ལྡན་དུ་བཅུག

ཧོང་ཞིའུ་ཡིང་ཚང་དབུལ་རུང་། འོན་ཀྱང་ས་ཁམས་གནས་ཡུལ་ལེགས་པོ་རེད། ཉེ་ས་ནས་རང་ཁུལ་གྱི་ཆའང་ཁུལ་རི་སྐེད་ཀྱི་རྩེར་སོན་སྤྲོ་གསེང་ཁུལ་ཧྥུའ་ཡུན་འབྲོག་ར་མཐོང་ཐུབ། 2016 ལོར། ལིས་རྫོང་གི་སི་ཁྲོན་ཧྥུའུ་ཡུན་འབྲོག་རའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སིས་ཀུང་སི་དང་ཞིང་དུད་མཉམ་འབྲེལ་བྱེད་སྟངས་ཀྱིས་ཞིང་གྲོང་གི་མགྲོན་ཁང་སྤུས་ལེགས་ཕྱེས་པར་མ་ཟད། ད་དུང་སྡེ་མིར་སྣེ་ཁྲིད་ནས་ཨར་ལས་འཛུགས་སྐྲུན་དང་ཕྱོགས་སྟོན་ཞབས་ཞུ། ཁྱད་ལྡན་ཐོན་རྫས་བྲིན་ཚོང་། བཟའ་བཏུང་སྣེ་ལེན་སོགས་ཡུལ་སྐོར་ཞབས་ཞུའི་བྱ་བ་སོགས་གཉེར། ཧོང་ཞིའུ་ཡིང་ཚང་ནི་ཕན་ཁེ་ཐོབ་པའི་དུད་ཁྱིམ་གྱི་གྲས་ཡིན།
ཧྥུའུ་ཡུན་འབྲོག་ར་ཡོད་པ་ནས་བཟུང་། ཡུལ་སྐོར་བ་ཇེ་མང་དུ་སོང་། ངེད་ཚང་གིས་ཡང་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་ཁ་གསོ་ཐུབ་བྱུང་། མོས་གསར་འགོད་པར་བཤད་རྒྱུར། སྲིད་གཞུང་གི་རོགས་རམ་འོག ངས་དངུལ་བུན་བསྐྱིས་ནས་སྟབས་བདེའི་ཁང་པ་ལས། ད་དུང་ཉལ་ཁྲི་15བཀོད་སྒྲིག་བྱས། ན་ནིང་གི་ཟླ་བཅུ་བ་ནས་ད་བར་ཡུལ་སྐོར་སྣེ་ལེན་ཁོ་ནའི་ཐད་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཡོད།

དེ་བས་ཀྱང་དགའ་འོས་པ་ཞིག་ལ། ད་ལོའི་ཟླ་3པར། མགྲོན་པོ་ཞིག་གིས་མོ་ཚང་གི་དཀའ་ངལ་ཤེས་རྗེས། མོའི་བུ་ལ་རང་ཉིད་ཀྱི་ཀོ་བཟོའི་བཟོ་གྲྭ་རུ་ལས་གནས་བཀོད་སྒྲིག་བྱས། འདི་ནི་བུས་ཟླ་བ་དང་པོའི་གླ་ཕོགས་ཀྱིས་ང་ལ་ཉོས་པའི་ཁ་པར་རེད། ཧོང་ཞིའུ་ཡིང་གིས་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་བཞིན་དེ་ལྟར་བཤད།

(རྔ་བའི་གསར་འགྱུར་ཁང་གི་གསར་འགོད་ཚན་ཆུང་གིས།)