ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༦ ཚེས་ ༢༢
ཉེ་ལམ་སི་ཁྲོན་གསར་འགྱུར་དྲ་བར་བསྒྲགས་པའི་གནས་ཚུལ་ལྟར་ན། 2017ལོའི་ཟླ་6བར། རྔ་བ་ཁུལ་ཚན་རིག་ཞིབ་འཇུག་གླིང་དང་མའོ་རྫོང་གི་ཞིང་ཕྱུགས་དང་ཆུ་བེད་ཅུས་ཀྱིས་མཉམ་དུ་འབད་པ་བྱས་འོག མའོ་རྫོང་གི་ཁྱིམ་ཚང་ཞིང་བའི་དཔེ་ཁང་དངོས་སུ་བཙུགས་པ་རེད། ཞིང་བའི་དཔེ་ཁང་འདིའི་ནང་དུ་ཞིང་ལས་ཚན་རིག་དང་ཁྲིམས་ལུགས། ས་ཁམས། ལོ་རྒྱུས། རྩོམ་རིག འཚོ་བའི་རྒྱུན་ཤེས། ཡུལ་སྐོར། བདེ་ཐང་། བཟའ་ཆས། ཚིག་མཛོད་སོགས་ཀྱི་ཁྱབ་ཁོངས་ཀྱི་དཔེ་དེབ་500ལྷག་ཡོད་པ་དང་། དཔེ་ཁང་འདི་བཙུགས་པས་ས་གནས་དེ་གའི་ཞིང་པ་མང་ཚོགས་ཀྱིས་དཔེ་ཆ་ཉོ་དཀའ་བ་དང་གཡར་དཀའ་བ། ལྟ་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་རེད།།