ཕྱག་ཕྲེང་རྫོང་གི་ཞིང་བ་རྣམས་ལོ་བསྡུའི་ལས་ལ་བྲེལ་བཞིན་པ།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༦ ཚེས་ ༢༡
        དབྱར་གྱི་ཉི་གཞོན་ག་ལེར་བོད་ཁུལ་གྱི་ཡུལ་ལུང་སོ་སོར་འཕྲོས་བཞིན་པའི་སྐབས་འདིར་ཕྱག་ཕྲེང་རྫོང་གི་ཞིང་བ་མང་ཚོགས་རྣམས་ལོ་བསྡུའི་ལས་ལ་བྲེལ་ཞིང་གསེར་མདོག་གི་རླབས་ཕྲེང་སྐྱོམ་པའི་ཞིང་སའི་ནང་ཞིང་བ་མང་ཚོགས་རྣམས་ཀྱིས་འབྲས་བུས་བལྟམས་པའི་དུས་ཚིགས་འདི་འཛུམ་གྱིས་བསུ་བཞིན་འདུག 
        སྡེ་མི་བློ་བཟང་གཡུང་དྲུང་གི་དཔྲལ་བར་རྔུལ་ཆུ་ཁྲོམ་ཁྲོམ་བཞུར་ཞིང་གདོང་ལ་འཛུམ་གྱིས་ཁེངས་ནས་ད་ལོར་ཆར་ཆུ་མོད་པས་ལོ་སྔོན་མ་དག་དང་བསྡུར་ན་ངེད་ཚང་གི་འབྲུ་རིགས་ཀྱི་ཐོན་ལེགས་པོ་ཡོད་པ་རེད། ཉིན་འདི་དག་གནམ་གཤིས་ལེགས་པའི་གོ་སྐབས་དམ་འཛིན་བྱས་ཏེ་བྲེལ་མྱུར་ངང་ནས་དང་གྲོ་འབྲེག་བཞིན་ཡོད་ཅེས་གསར་འགོད་པར་བཤད། རྒྱུས་ལོན་བྱུང་བ་ལྟར་ན། ངལ་རྩོལ་བྱེད་མཁན་མེད་པའི་ཁྱིམ་ཚང་ལ་ལར་ཚང་མས་རོགས་འདེགས་བྱས་ནས་འབྲུ་རིགས་དུས་ལྟར་ཁྱིམ་དུ་བསྐྱལ་བ་རེད། གཞན་ད་ལོར་ཕྱག་ཕྲེང་རྫོང་གིས་མུའུ་ཁྲི་གསུམ་ལྷག་ལ་གྲོ་དང་ནས་བཏབ་པ་དང་སྤྱིའི་ཆ་ནས་ལོ་ལེགས་སྨིན་པ་རེད།།