དཀར་མཛེས་ཁུལ་གྱིས་མཐོ་སྒང་སྐྱེ་ཁམས་གླིང་འཛུགས་པར་སྐུལ་འདེད་བཏང་བ།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༦ ཚེས་ ༨

མིག་སྔའི་གནས་བབ་ལ་དམིགས་ནས་དུས་ཐོག་ཏུ་གནས་སྐབས་སུ་ཞིང་ལ་ཆུ་འདྲེན་པའི་གནད་དོན་ཐག་བཅད་བྱས་པར་མ་ཟད། ཆུ་བེད་ལས་ཁུངས་ཀྱིས་ཐབས་དང་མ་དངུལ་མང་པོ་བཏང་ནས། དུས་ཐོག་ཏུ་ཤྭ་རྭ་ཐང་མེ་ཏོག་སྣ་བརྒྱའི་འདེབས་འཛུགས་གླིང་ཞེས་པའི་གནས་སྐབས་ཆུ་འདྲེན་གནད་དོན་ཐག་གཅོད་བྱས། མིག་སྔར་སྒྲིག་བཀོད་ཡོངས་རྫོགས་བེད་སྤྱོད་བཏང་ནས་ཞིང་ས་ཀུན་ལ་ཆུས་ཁྱབ་པ་མངོན་འགྱུར་བྱས་ཡོད་པ་རེད། །