དབྱར་ཟླ་དྲུག་པར་རབ་དཀར་ཁ་པས་གཡོགས་པའི་མགོ་ལོག་རྨ་སྟོད།
ཡོང་ཁུངས། ཀྲུང་གོ་བོད་སྐད་རླུང་འཕྲིན་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༦ ཚེས་ ༨
སྤྱི་ཟླ་6པའི་ཚེས་5ཉིན། རྨ་ཆུའི་ཆུ་མགོར་ཆགས་པའི་མགོ་ལོག་རྨ་སྟོད་རྫོང་དུ་ཁ་བ་ལྷབ་ལྷུབ་ཏུ་འབབ། རྨ་སྟོད་རྫོང་ཁོངས་ཀྱི་རྩྭ་ཐང་དང་ཆུ་བོ། ནོར་ལུག་ཚང་མ་རབ་དཀར་ཁ་བས་གཡོགས་པས། དགུན་དུས་ཀྱི་རྣམ་པ་དང་ཡོངས་སུ་མཚུངས།




རྨ་སྟོད་རྫོང་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་རྒྱུད་དུ་ཆགས་ཡོད་ལ། རྨ་ཆུའི་སྟོད་རྒྱུད་ཀྱི་རྫོང་མཁར་གཅིག་པུ་དེ་ཡིན། མི་གྲངས་ཉུང་ཞིང་མཚོ་འཕགས་སྨི་4000ལྷག་ཡོད།།




