གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང་ལ་ཁྲིམས་སྲོལ་དང་པོ་བཟོས་པ།
ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༦ ཚེས་ ༥

གོང་གསལ་སྲོལ་ཡིག་དེ་སྤྱི་ཚེས་2ཉིན་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུ་སོ་བཞི་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྤྱི་ལོ་2017ལོའི་ཟླ་8པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། དེའི་ཐོག་ནས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་དང་པོའི་དོ་དམ་དང་སྲུང་སྐྱོབ་ལས་དོན་ཁག་ལ་སླད་ཕྱིན་གཞི་འཛིན་སའི་ཁྲིམས་ཡོད་པ་མཚོན་བཞིན་ཡོད།
གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ལིའི་ཞའོ་ནན་གྱིས། སྤྱི་ཚོགས་ལས་རིགས་ཁག་གི་རྒྱལ་ཁབ་སྤྱི་གླིང་ནང་ཡོད་པའི་ཁེ་དབང་དང་འོས་འགན་ཁ་གསལ་བཟོས་པ་ཕུད། སྲོལ་ཡིག་དེས་རིམ་ཁག་ལས་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འགན་འཁྲི་སྔར་བས་ཞིབ་ཏུ་བཏང་ཡོད་པས། སླད་ཕྱིན་གླིང་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་དང་། འགྲུལ་པར་དོ་དམ་སོགས་ཀྱི་ལས་དོན་སྔར་བས་ཚད་ལྡན་ཅན་དང་ཁྲིམས་ལུགས་ཅན་ལ་འགྱུར་རྒྱུ་རེད་ཅེས་གསུངས་འདུག