དཀར་མཛེས་རྫོང་གི་གེ་སར་རིག་གནས་མཁར་གྲོང་དང་གྲོང་སྡེ་བརྒྱའི་ཐོན་ལས་རྟེན་གཞིའི་འཆར་འགོད་དཔྱད་ཞིབ་ཚོགས་འདུ་འཚོགས་པ།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༦ ཚེས་ ༢

བོད་ཆའང་དབྱིས་གསུམ་གྱི་རིག་གནས་རྒྱུད་ལམ་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པའི་དཀར་མཛེས་རྫོང་ནི་ཤམ་བྷ་ལའི་རྒྱལ་སྤྱིའི་ཡུལ་སྐོར་ལྟེ་གནས་སུ་ཆགས་ཤིང་། ཁམས་བྱང་ཡུལ་སྐོར་ས་ཁུལ་གྱི་ལྟེ་གནས་ཡིན་པར་མ་ཟད། ཁམས་པའི་རིག་གནས་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་དང་ཁམས་པའི་རིག་གནས་ཡུལ་སྐོར་མུ་ཁྱུད། སི་ཁྲོན་གྱི་གསར་བརྗེའི་ཡུལ་སྐོར་ཁུལ་སོགས་ཀྱི་ས་ཁུལ་གཙོ་ཤོས་ཀྱང་ཡིན། ཁམས་བྱང་ས་ཁུལ་ཡོངས་ཀྱི་ཆེས་ལེགས་པའི་ས་ཁམས་ཆགས་ཡུལ་ཡིན་པས། རི་ཆུ་ཁོར་ཡུག ཁམས་བྱང་ལྟེ་བ་ཞེས་མཚན་སྙན་ཐོབ་ཡོད།