རྟའུ་རྫོང་གི་ལྗང་མདོག་སྐྱེ་ཁམས་ལྟ་སྐོར་གྱི་ཐོན་ལས་ཁུལ་འཛུགས་བསྐྲུན་བྱས་པ།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༦ ཚེས་ ༡

དར་མདོ་དང་གཡག་རྔ་བར་གྱི་མྱུར་བགྲོད་གཞུང་ལམ་མི་འགྱངས་ལེགས་འགྲུབ་བྱུང་བ་དང་དཀར་མཛེས་ཁུལ་གྱི་རྫོང་ཁག་སོ་སོའི་འགྲིམ་འགྲུལ་དྲ་རྒྱ་སྔར་བས་འཐུས་ཚང་དུ་གཏོང་བར་བརྒྱུད་ནས།རང་རེའི་ཁུལ་གྱི་རྫོང་སོ་སོའི་སྲོལ་རྒྱུན་རྣམ་པའི་འགྲིམ་འགྲུལ་གནས་བབ་དང་ས་བབ་ཀྱི་ལེགས་ཆ་སོགས་གསར་དུ་བརྗེ་བ་དང་བཀོད་སྒྲིག་བྱ་རྒྱུ་རེད། ཕྱུག་འགྱུར་འདོད་ཀྱང་གཞུང་ལམ་མེད་ཅེས་པའི་ཚོད་འཛིན་མང་དུ་ཐེབས་པའི་དཀར་མཛེས་ཁུལ་གྱི་བྱང་རྒྱུད་ཀྱི་རྫོང་སོ་སོས། ངེས་པར་དུ་ལྟ་བ་གསར་པ་དང་མིག་རྒྱང་རིང་པོས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་སྙེག་པར་མ་ཟད། རང་ཉིད་ཀྱི་དགེ་སྐྱོན་ལ་བརྡར་ཤ་གསལ་པོ་བཅད་ནས་རྫོང་ཁོངས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་སྙོམས་སྒྲིག་བྱས།།