དཀར་མཛེས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞིང་ཆེན་ཏང་གི་འཐུས་ཚོགས་ལ་དོ་ཁུར་བྱས་པ།
ཡོང་ཁུངས། ཁམས་པའི་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༥ ཚེས་ ༢༦

ཚེས24ཉིན་གྱི་སྔ་དྲོར། དཔལ་ཡུལ་རྫོང་གི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོག་པར་དོ་ཁུར་ཆེན་པོ་བྱས་ཤིང་། གཅིག་བསྡུས་དང་རང་མོས་ཀྱིས་དབུ་ཚུགས་ཚོགས་ཆེན་ལ་བལྟས་པ་རེད། རྫོང་དེའི་ས་ངན་ཡུལ་ཚོའི་ལས་བྱེད་པས་འཕྲིན་ཕྲན་བརྒྱུད་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་འགོ་ཚུགས་ཚོགས་ཆེན་གྱི་ཐད་གཏོང་བརྙན་འཕྲིན་ལ་བལྟས་རྗེས། སེམས་འགུལ་ཐེབས་པའི་ངང་ནས་ཚོགས་ཆེན་གྱི་སྙན་སེང་ལ་ཉན་རྗེས་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་སོང་ཞེས་བཤད་པ་རེད།
ཚེས24ཉིན་གྱི་སྔ་དྲོར། སྡེ་རོང་རྫོང་ཝ་ཁ་གྲོང་རྡལ་གྱི་གྲོང་གཙོ་མཚོ་མོས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འགོ་ཚུགས་ཚོགས་ཆེན་ལ་བལྟས་རྗེས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོག་པས་སེམས་ལ་སྐུལ་ལྕག་ཚད་མེད་ཐེབས་བྱུང་། ང་ཚོ་གཞི་རིམ་གྱི་ལས་བྱེད་པ་རྣམས་ཀྱིས་ངེས་པར་དུ་རང་གི་ལས་གནས་སུ་གཞི་ཚུགས་པར་བྱས་ཏེ་མི་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ་དང་མི་དམངས་ཀྱི་དཀའ་ངལ་སེལ་དགོས། ཚོགས་ཆེན་གྱི་སྙིང་དོན་ལས་ཀའི་ཁྲོད་དུ་དོན་འཁྱོལ་བྱས་ཏེ་ཞིང་སྡེ་གསར་པ་བསྐྲུན་པར་སྟོབས་ཤུགས་འབུལ་དགོས་ཞེས་བཤད་པ་རེད།
ཚེས24ཉིན་ལ། ཕྱག་ཕྲེང་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སི་ཁྲོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་འཚོགས་པར་མཐོང་ཆེན་བྱས་ཏེ་བརྙན་འཕྲིན་ལ་བལྟས།ཤམ་བྷ་ལ་གྲོང་རྡལ་ན་ཡོད་པའི་ཨ་ཁུ་བཀྲ་ཤིས་ཀྱིས་ཏང་གི་བཀའ་དྲིན་གྱིས་དེང་སང་གྲོང་གསེབ་ནའང་རིག་གནས་བྱེད་སྒོའི་ལྟེ་གནས་བཙུགས་པས་ང་ཚོ་དུས་རྒྱུན་དུ་མཉམ་དུ་འཛོམས་ནས་སྐོར་བྲོ་འཁྲབ་ཆོག་ཅེས་ཟེར།
ཚེས24ཉིན་ལ་དཀར་མཛེས་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱང་སྒྲོག་དང་བརྙན་འཕྲིན་ནས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོགས་པའི་གནས་ཚུལ་ལ་ཉན་ཞིང་བལྟས་པ་རེད། སྲིབ་ངོ་ཤང་གི་ཏང་ཨུའུ་ཧྲུའུ་ཅི་ཐུབ་བསྟན་ཚེ་རིང་གིས་སེམས་འགུལ་ཐེབས་པའི་ངང་ནས་སྙན་ཞུ་ལ་ཉན་རྗེས་སེམས་ལ་སྐུལ་མ་ཆེན་པོ་ཐེབས་བྱུང་།སི་ཁྲོན་གྱི་མ་འོངས་པའི་འཕེལ་རྒྱས་དང་དཀར་མཛེས་རྫོང་གི་མདུན་ལམ་ལ་དེས་བས་ཡིད་ཆེས་ཆེན་པོ་ཡོད་ཅེས་ཟེར།