རྔ་བ་ཁུལ་ཧུང་ཡོན་གནམ་གྲུ་ཐང་གི་མཁའ་ལམ་མི་འགྱངས་པར་བསྐྱར་གསོ་བྱ་རྒྱུ་རེད།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༥ ཚེས་ ༡༧
        རྒྱུས་ལོན་བྱུང་བ་ལྟར་ན། རྔ་བ་ཧུང་ཡོན་གནམ་གྲུ་ཐང་གི་ཁྲེན་ཏུའུ་ནས་ཧུང་ཡོན་དང་ཁྲོན་ཆིན་ནས་ཧུང་ཡོན་བར་གྱི་མཁའ་ལམ་སྤྱི་ལོ་2017ལོའི་ཟླ་5པའི་ཚེས་20བསྐྱར་གསོ་བྱ་རྒྱུ་རེད། 
        ཁྲེན་ཏུའུ་ནས་ཧུང་ཡོན་བར་གྱི་མཁའ་འགྲུལ་ལམ་ཐིག་གི་གནམ་གྲུའི་ཨང་རྟགས་ནི་CA4219/CA4220ཡིན་ལ། འཕུར་བསྐྱོད་ཀྱི་དུས་ཚོད་ནི་གཟའ་འཁོར་རེའི་རེས་གཟའ་གཉིས་པ་དང་བཞི་བ། དྲུག་པ་བཅས་ཡིན་ལ། ཉིན་རེའི་ཁྲེན་ཏུའུ་ནས་ཧུང་ཡོན་གྱི་ཤར་གཏོང་དུས་ཚོད་ནི་06:20-07:20དང་ཧུང་ཡོན་ནས་ཁྲེན་ཏུའུ་གྱི་ཤར་གཏོང་དུས་ཚོད་ནི་08:55-10:00ཡིན་པ་རེད།
        ཁྲོན་ཆིན་ནས་ཧུང་ཡོན་བར་གྱི་མཁའ་འགྲུལ་ལམ་ཐིག་གི་གནམ་གྲུའི་ཨང་རྟགས་ནི་3U8105/3U8106ཡིན་ལ། འཕུར་བསྐྱོད་ཀྱི་དུས་ཚོད་ནི་གཟའ་འཁོར་རེའི་རེས་གཟའ་གཉིས་པ་དང་དྲུག་པ་ཡིན། རེས་གཟའ་གཉིས་པའི་ཁྲོན་ཆིན་ནས་ཧུང་ཡོན་བར་གྱི་འཕུར་བསྐྱོད་དུས་ཚོད་ནི་06:05-07:15དང་ཧུང་ཡོན་ནས་ཁྲོན་ཆིན་བར་གྱི་འཕུར་བསྐྱོད་དུས་ཚོད་ནི་08:15-09:25ཡིན། རེས་གཟའ་དྲུག་པའི་ཁྲོན་ཆོན་ནས་ཧུང་ཡོན་ནས་བར་གྱི་འཕུར་བསྐྱོད་དུས་ཚོད་ནི་06:30-07:45དང་ཧུང་ཡོན་ནས་ཁྲོན་ཆིན་བར་གྱི་འཕུར་བསྐྱོད་དུས་ཚོད་ནི་08:45-09:55ཡིན་པ་རེད། 
        རྔ་བ་ཧུང་ཡོན་གནམ་གྲུ་ཐང་གི་སྤ་སེ་ཉོ་སྒྲུབ་ཀྱི་ཁ་པར་ཨང་གྲངས་ནི་0837-2666655  2666666རེད།