རྔ་བ་རྫོང་དྷེ་ཀིའི་ཞིང་བའི་མཉམ་ལས་ཁང་དངོས་སུ་འཁོར་སྐྱོད་བྱེད་འགོ་ཚུགས་པ།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༥ ཚེས་ ༨

ད་ལོའི་སྤྱི་ཟླ་4པའི་ཚེས་17ཉིན། དྷེ་ཀི་ཡུལ་ཚོ་འབྲུ་ཆུ་འགོ་སྡེ་བའི་ཐུན་མོང་དཔལ་འབྱོར“རྔ་བ་རྫོང་དྷེ་ཀིའི་ཞིང་འཕྲུལ་ཞིང་བའི་ཆེད་ལས་མཉམ་ལས་ཁང”ཐོ་འགོད་ལེགས་འགྲུབ་བྱུང་ཞིང་། ཐོ་འགོད་མ་དངུལ་སྒོར་ཁྲི་263ཡིན། དེ་ནི་ཆེད་ལས་ཀྱིས་ཞིང་ལས་འཕྲུལ་ཆས་གླ་གཏོང་དང་བཟོ་སྐྲུན་འཕྲུལ་ཆས་གླ་གཏོང་། དེ་མིན་ཞིང་རྨོད་པ་དང་ཞིང་འབྲེག་པ་སོགས་ཀྱི་སྣ་འཛོམས་རང་བཞིན་གྱི་ཞབས་ཞུའི་མཉམ་ལས་ཁང་ཞིག་ཡིན་པ་རེད། མཉམ་ལས་ཁང་འདི་གསར་དུ་འཛུགས་པ་ལས་ངྷེ་ཀི་ཡུལ་ཚོ་འབྲུ་ཆུ་འགོ་སྡེ་བའི་ལོ་འཁོར་འདིའི་དབུལ་སེལ་འོས་འགན་ལ་རྨང་གཞི་བརྟན་པོ་བཏིངས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ལེགས་བཅོས་ཀྱི་འགན་སྲུང་ལ་ཕན་ནུས་ཆེན་པོ་ལྡན་པ་རེད།།