ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༤ ཚེས་ ༢༧
སྤྱི་ལོ ༢༠༡༥ ལོའི་ཟླ ༤ པའི་ཚེས ༢༥ ཉིན་ནེ་པ་ལར་ས་ཡོམ་རིམ་པ ༨.༡ བྱུང་བ་དང་། རང་ལྗོངས་ཀྱི་རྫོང་མང་པོར་ཡོམ་འགུལ་དྲག་པོ་ཐེབས་པའི་ཁྲོད་གཉའ་ལམ་རྫོང་ནི་གནོད་འཚེ་ཕོག་ཆེ་ཤོས་གྲས་ཡིན། གསར་འགོད་པས་ཉེ་ལམ་གཉའ་ལམ་རྫོང་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྫོང་དེས་གནོད་འཚེ་ཕོག་རྗེས་མང་ཚོགས་ཀྱི་སྡོད་ཁང་བསྐྱར་སྐྲུན་དང་། གྲོང་ཚོ་ཡོངས་སྐུལ་འདེད་བཏང་བ། ཁྱད་ལྡན་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་བྱེད་པ་སོགས་ཐབས་ལམ་གཙོ་བོར་བཞག་པས། ད་ལྟའི་ཆར་མང་ཚོགས་ཀྱི་སྡོད་ཁང་བསྐྱར་སྐྲུན་སྤྱིའི་ཆ་ནས་ལེགས་པར་གྲུབ་ཡོད།།