དབང་སྐྱོན་ཤོར་ཡང་བློ་སྟོབས་རྒྱས་པའི་ཕྱུག་སྒྱུར་བ་ཀྲང་ཧའོ་ཅེ།

མཚོ་ངོས་ལས་མཐོ་ཚད་སྨི2000ཡོད་པའི་ཝུན་ཁྲོན་རྫོང་ཁའེ་ཀུའུ་ཡུལ་ཚོའི་ཏ་སི་གྲོང་སྡེ་ན། དམིགས་བསལ་གྱི་ཕ་བུ་གཉིས་ཡོད་དེ། ལོ་ན50ཅན་གྱི་ཀྲང་ཧའོ་ཅེ་དང་གཡོག་བུ་ཚ་བོ་ཀྲང་ཡུས་གཉིས་ཀྱིས་ཕན་ཚུན་རོགས་རེས་ཁེན་རེས་ངང་འཚོ་བ་རོལ་བཞིན་གདའ།
ཆུང་དུས་སུ་ཀྲང་ཧའོ་ཅེ་ལ་ཚ་བ་རྒྱས་དྲགས་པས་བྱིས་པའི་བེམ་སྦྲིད་ཀྱི་ནད་ཕོག་ནས་དབང་སྐྱོན་ཤོར་བ་རེད། ཚ་བོ་ཀྲང་ཡུས་ཆུང་དུས་ནས་ཁོ་ལ་གཡོག་བྱེད་དུ་སྦྱིན་ནས། ལོ་ངོ་མང་བོའི་རིང་ཁོ་ཕ་བུ་གཉིས་ཀྱི་འཚོ་བ་ངན་ངོན་རོལ་ནས་བསྡད། ཀྲང་ཧའོ་ཅེ་ཡི་དབང་བོར་སྐྱོན་ཤོར་བའི་དབང་གིས། ལས་ཀ་ཡང་མོ་ཙམ་མ་གཏོགས་ལས་མི་ཐུབ། ཁྱིམ་གྱི་ལས་ཀ་ལྗིད་མོ་རེ་རེ་སྤུན་གྲོགས་དང་གཅེན་གཅུང་དག་གིས་ལས་རོགས་མི་བྱེད་ཐབས་མེད་ཡིན། དེ་མིན་ཀྲང་ཡུས་ཀྱི་སློབ་ཡོན་ལ་ལོ་རེར་སྒོར་ཁྲི་ལ་ཉེ་བ་སྤྲོད་དགོས། ཀྲང་ཧའོ་ཅེ་ཚང་ནི་གྲོང་སྡེ་དེ་ཡི་དབུལ་ཁྱིམ་ངོ་མ་ཞིག་ཡིན།ཞིང་ཆེན་ནགས་ལས་ཐིང་དང་ཙི་ཕིང་ཕུའུ་གསར་གཏོད་ཀུང་སི་དང་། རྔ་ཁུལ་དགེ་འོས་སློབ་གླིང་བཅས་ཀྱི་མཉམ་རོགས་ལས་སྒྲུབ་ཚན་ཆུང་གིས་མཉམ་དུ་བརྟག་དཔྱད་དང་ཞིབ་འཇུག་བྱས་རྗེས། ཀྲང་ཧའོ་ཅེ་ལ་དབུལ་བྲལ་འཆར་གཞི་ཆེད་དུ་བཀོད། རྒྱལ་ཁབ་ཀྱིས་ངེད་ཚང་ལ་མ་མཐའི་འཚོ་རྟེན་ཐག་བཅད་པ་དང་། ང་ལ་དབང་བོ་སྐྱོན་ཅན་གྱི་འཚོ་བའི་གསབ་དངུལ་དང་། ཞིང་བསྐྱུར་ནགས་སྤེལ་དང་སྐྱེ་ཁམས་ཀྱི་ཁ་གསབ་བྱ་དགའ་སོགས་སྲིད་ཇུས་གསབ་དངུལ་ལོ་རེར་སྒོར7000ལྷག་ལེན་རྒྱུ་ཡོད་ཅེས་ཀྲང་ཧའོ་ཅེས་ཡིད་ལ་རྒྱལ་ཁབ་ཀྱི་བཀའ་དྲིན་དྲན་བཞིན་དེ་ལྟར་བཤད།
སྔོན་ཆད་ཡིན་ན། ཀྲང་ཧའོ་ཅེས་ཞོག་ཁོག་དང་མ་རྨོས་ལོ་ཏོག པད་ཚལ་སོགས་བཏབ་ནས་འཚོ་བ་སྐྱོང་ཐབས་བྱས། 2007ལོར། ཁོས་རང་ཁྱིམ་གྱི་ས་ཞིང་དུ་ལི་སྡོང་500ལྷག་བཙུགས། 2015ལོར་ལི་སོབ་དམར་བའི་ཡོང་འབབ་ལ་སྒོར་ཁྲི་ལྷག་ལས་མེད།

དོ་དམ་ལག་རྩལ་ཇེ་བཟང་དུ་སོང་བས་ཀྲང་ཧའོ་ཅེ་ལ་ཕན་རྒྱ་ཆེར་ཐོགས་ཡོད། ང་ཚོའི་ས་ཆ་འདི་ཡི་ལི་སོབ་དམར་བོའི་སྤུས་ཀ་བཟང་ཞིང་བྲོ་བ་ཞིམ་པས། དྲི་ལྡན་མེ་ཏོག་ལ་སྦྲང་མ་འཁོར་འཁོར་ལྟར་ཞིང་ཆེན་གཞན་པའི་ཚོང་བ་དག་གིས་ཀྱང་རླངས་འཁོར་བསྐོར་ནས་གཅིག་རྗེས་གཉིས་མཐུད་དུ་ཉོ་བར་ཐོན་ཡོང་། ཚོང་ལམ་ཡོད་མེད་ལ་སེམས་ཁྲལ་ཅི་ཡང་མེད། ན་ནིང་། ངེད་ཚང་གི་ལི་སོབ་དམར་བོ་ལ་ལོ་ལེགས་སྨིན་ནས་རྒྱ་མ1800བཙོང་ནས་ཡོང་འབབ་ལ་སྒོར་ཁྲི10ཡོད་ཅེས་བཤད། ན་ནིང་། ཀྲང་ཧའོ་ཅེས་ཕག3གསོས་ནས་སྒོར9000ཁུག་པ། ཁོ་ཚང་གི་བཟའ་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར28000ལྷག་ལ་བསླེབས་པས། རྒྱལ་ཁའི་ངང་དབུལ་ཕོངས་ལས་ཐར་བ་རེད།

ཀྲང་ཡུས་ད་ལོར་ལོ་ན20ལ་ཐོན་ཡོད། སློབ་གྲྭ་ལས་མཐར་ཕྱིན་ནས་རང་ཡུལ་དུ་ལོག་ཡོད། ཚ་བོས་ཁྱིམ་གཞིས་སྐྱོང་བ་དང་སིལ་སྡོང་འཛུགས་པའི་དོ་དམ་ལག་རྩལ་ལ་བསླབས་ནས། སིལ་ར་བདག་གཉེར་བྱེད་པར་ཀྲང་ཧའོ་ཅེས་རེ་བ་འཆང་ཡོད།

ང་ཚོའི་ཡུལ་འདི་ཡི་གནམ་གཤིས་བཟང་བ་དང་། ཉི་འོད་ཀྱང་ཡུན་རིང་དུ་འཕྲོ་ཐུབ་པས། ལི་སྡོང་སྐྱེ་འཕེལ་ལ་ཤིན་ཏུ་ཕན་པ་རེད། ཕྱིན་ཆད། ངེད་ཚང་གིས་སིལ་རར་བདག་དམ་བཟང་བོ་བྱས་ན། འཚོ་བ་ནི་ཉིན་རེ་ལས་ཉིན་རེར་ཇེ་བཟང་ཇེ་སྐྱིད་དུ་འགྲོ་ཁོ་ཐག་ཡིན་ཞེས་ཀྲང་ཧའོ་ཅེ་ཡིས་མ་འོངས་བདེ་སྐྱིད་འཚོ་བར་རེ་བས་ཁེངས་ནས་བཤད།
(རྔ་བའི་ཉིན་རེའི་གསར་འགྱུར་ཁང་གི་གསར་འགོད་ཚན་ཆུང་གིས།)