བསམ་ཡས་དགོན་གྱི་ཉམས་གསོ་ད་ལོའི་ལོ་སྟོད་དུ་མཇུག་སྒྲིལ་རྒྱུ་རེད།
ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༤ ཚེས་ ༢༤

ལོ་ངོ་ ༡༢༠༠ ལྷག་ཙམ་ལྡན་པའི་བསམ་ཡས་མི་འགྱུར་ལྷུན་གྱི་ཕོ་བྲང་ནི་བོད་བརྒྱུད་ནང་བསྟན་ལོ་རྒྱུས་ཐོག་སངས་རྒྱས། ཆོས། དགེ་འདུན་ཡོངས་སུ་རྫོགས་པའི་དགོན་སྡེ་ཨང་དང་པོ་དེ་ཡིན་ཞིང་། དགོན་པའི་སྤྱིའི་རྒྱ་ཁྱོན་ལ་སྨིད་ངོས་སྙོམས་གྲུ་བཞི་མ་ཁྲི ༢.༥ ལྡན་ཡོད། དེ་ནི་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཡིན་པ་མ་ཟད། བོད་ཀྱི་ཆོས་ལུགས་ཀྱི་ཞིང་ས་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་གནད་ཞིག་ཀྱང་ཡིན།