འཛམ་གླིང་སྟེང་གི་དགུང་ལོ་ཆེས་མཐོ་བའི་རྒན་མོ་ཚེ་ལས་འདས་པ།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༤ ཚེས་ ༡༧
        སྤྱི་ཟླ་4པའི་ཚེས་16ཉིན་གསར་ལམ་ཁག་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། འཛམ་གླིང་སྟེང་གི་དགུང་ལོ་ཆེས་མཐོ་བའི་རྒན་མོ་ཨེ་མ་མའོ་ལ་ནོ(Emma Morano)ཚེས་བཅོ་ལྔ་ཉིན་ཨི་ཐ་ལི་ཡི་བྱང་རྒྱུད་ཀྱི་གྲོང་ཁྱེར་ཆུང་ངུ་ཝེར་པ་ཉིས་ཡ་ཡི་རང་ཁྱིམ་དུ་ཚེ་ལས་འདས་ཤིང་ད་ལོ་དགུང་ལོ་117ལ་ཐོན་ཡོད། ཨེ་མ་མའོ་ལ་ནོ་ནི་སྤྱི་ལོ་1899ལོའི་ཟླ་11པའི་ཚེས་29ཉིན་སྐྱེས་ཤིང་མོ་ནི་འཛམ་གླིང་གི་ཆེས་མཐའ་མཇུག་གི་དུས་རབས་19པའི་མི་ཡིན་པ་རེད།