མཛོད་དགེ་རྫོང་གིས་ཚྭ་རྫུན་མ་ཏུན་གཅིག་ལྷག་རྩིས་ལེན་བྱས་པ།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༤ ཚེས་ ༡༣
        སྤྱི་ཟླ་4པའི་ཚེས་10བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་4པའི་ཚེས་10ཉིན་གྱི་དགོང་མོར། མཛོད་དགེ་རྫོང་སྤྱི་བདེ་ཅུས་ལ་བདེ་སྐྱིད་ལམ་གྱི་མཛོད་ཁང་ཞིག་གི་ནང་དུ་ཚྭ་རྫུན་མ་མང་པོ་ཡོད་པཔ་དང་དེ་ལ་ཞིབ་བཤེར་བྱ་དགོས་པའི་བརྡ་འབྱོར། བརྡ་འབྱོར་རྗེས་སྟག་ཚ་སྤྱི་བདེ་མངག་གཏོང་གིས་འཕེལ་བསྒྱུར་ཅུས་སོགས་ལ་འབྲེལ་བ་བཙུགས་ནས་མཉམ་འབྲེལ་སྒོས་ཁྲིམས་ལག་བསྟར་བྱས། འབྲེལ་ཡོད་སྡེ་ཁག་གིས་ཚྭ་རྫུན་མ་ཡིན་པ་གཏན་འཁེལ་བྱས་ཤིང་ཚྭ་རྫུན་མ་ཏུན་གཅིག་དང་ཁུག་མ་260རྩིས་ལེན་བྱས།།