ཨེ་ཅིབ་ཏུ་ལོ་ངོ་3700སྔོན་གྱི་གཏོར་གཟུགས་མཆོད་རྟེན་ཞིག་གསར་དུ་རྙེད།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༤ ཚེས་ ༦
        སྤྱི་ཟླ་4པའི་ཚེས་5ཉིན་གསར་ལམ་ཁག་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། གནའ་རྫས་རྟོག་ཞིབ་པས་ཨེ་ཅིབ་ཁེ་རོའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་40ཡི་མཚམས་ཀྱི་ཧེ་ཧྲའོ་ཨེར་དུ་གཏོར་གཟུགས་མཆོད་རྟེན་ཞིག་གསར་དུ་རྙེད་ཅིང་དེ་ལ་ལོ་ངོ་3700ལྷག་གི་ལོ་རྒྱུས་ལྡན་པ་རེད། གསར་རྙེད་བྱུང་བའི་གནའ་རྫས་ཁྲོད་ད་དུང་རྡོ་ལེབ་ཅིག་ཀྱང་ཡོད་པ་དང་། དེའི་སྟེང་དུ་འདྲ་གཟུགས་ཡི་གེ་ཐིག་ཕྲེང་བཅུ་ཡོད་པ་རེད། ཆེད་མཁས་པས་འདྲ་གཟུགས་ཡི་གེ་དེ་དག་གསེད་དཀྲོལ་བྱས་ཏེ་གཏོར་གཟུགས་མཆོད་རྟེན་གྱི་བདག་པོ་འཚོལ་ཞིབ་བྱེད་བཞིན་འདུག 
        གཏོར་གཟུགས་མཆོད་རྟེན་ནི་གནའ་བོའི་ཨེ་ཅིབ་ཤེས་རིག་གི་མཚོན་རྟགས་གལ་ཆེན་ཞིག་ཡིན་ཞིང་། ད་ལྟའི་བར་ལོ་ངོ་4600ལྷག་གི་ལོ་རྒྱུས་ཡོད་པའི་འཁྱོག་དབྱིབས་གཏོར་གཟུགས་མཆོད་རྟེན་དང་གཏོར་གཟུགས་མཆོད་རྟེན་དམར་པོ་ནི་ལོ་རྒྱུས་ཆེས་རིང་ཞིང་གཞི་ཁྱོན་ཆེས་ཆེ་བ། ཉར་ཚགས་བྱས་པ་ཆེས་ལེགས་པའི་གཏོར་གཟུགས་མཆོད་རྟེན་ཡིན་ཞིང་། མིག་སྔར་བར་གཏོར་གཟུགས་མཆོད་རྟེན་120ལྷག་རྙེད་ཡོད་པ་རེད།