རྔ་བ་ཁུལ་གྱིས་ནད་གཞི་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོར་དམིགས་འཛུགས་སྨན་ཁང་དུ་སྨན་ཡོན་བསྡོམས་རྩིས་བརྒྱག་སྐབས་70%གྱི་སྨན་བཅོས་རོགས་སྐྱོར་བྱ་རྒྱུ་རེད།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༤ ཚེས་ ༦
        《རྔ་བ་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་གྱི་སྨན་བཅོས་རོགས་སྐྱོར་བྱ་ཐབས། 》དང་《རྔ་བ་ཁུལ་གྱི་ནད་གཞི་ཚབས་ཆེན་དང་ལྕི་གྲས་ཀྱི་སྨན་བཅོས་རོགས་སྐྱོར་བྱ་ཐབས།》གཞི་བཟུང་ནས། རྔ་བ་ཁུལ་གྱིས་ཧུར་བརྩོན་ངང་ནད་གཞི་ཚབས་ཆེན་དང་ལྕི་གྲས་ཀྱི་སྨན་བཅོས་རོགས་སྐྱོར་ལས་དོན་སྤེལ། རོགས་སྐྱོར་བྱ་ཡུལ་ནི་དཀའ་ངལ་ཡོད་པའི་ཡུལ་མིར་ངན་སྐྲན་ཕོག་པ་དང་ལྷན་སྐྱེས་སྙིང་ནད། སྨྱོ་ནད་ཚབས་ཆེན། མཆི་ཚད་ལྕི་པོ་སོགས་ནད་རིགས་ཚབས་ཆེན་ཕོག་ནས་རོགས་སྐྱོབ་སྒོ་བསྟེན་སྨན་བཅོས་ཀྱི་རོགས་སྐྱོབ་རེ་ཞུ་བྱས་ཆོག རོགས་སྐྱོར་དངུལ་གྲངས་བརྒྱ་ཆའི་ལྔ་བཅུའི་ཚད་གཞི་ལྟར་དུ་རོགས་སྐྱོར་བྱ་རྒྱུ་རེད། དུས་ཚིགས་དང་པོའི་ནང་། རྔ་བ་ཁུལ་གྱི་ཚབས་ཆེན་དང་ལྕི་གྲས་ཀྱི་ནད་པ་250རོགས་སྐྱོར་བྱས་ཡོད་པ་དང་རོགས་དངུལ་སྒོར་ཁྲི་156.83ཟིན་ཡོད།།