རྔ་བ་རྫོང་ཤུལ་སྡེ་བའི་ཞིང་འབྲོག་མང་ཚོགས་ཀྱིས་ཡུལ་སྐོར་གཞུང་ལམ་བསྐྲུན།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༣ ཚེས་ ༢༨

ས་བབ་དང་བཟོ་ལས་ཀྱི་ཆ་རྐྱེན་སོགས་ཀྱིས་ལམ་བུ་བཟོ་བར་དཀའ་ངལ་ཅུང་ཟད་ཡོད་པ་རེད། ལམ་བཟོ་བའི་འགྲོ་སོང་མ་དངུལ་ལ་གྲོན་ཆུང་བྱེད་པའི་ཆེད་དུ། སྔོ་ཤུལ་སྡེ་བའི་ཁྱིམ་དུད་84ཡིས་རང་འགུལ་གྱིས་རྩ་འཛུགས་བྱས་ནས་ཁྱིམ་ཚང་རེ་རེའི་མི་གཅིག་རེ་ལས་ཀར་ཞུགས་ཡོད་ལ། མགྱོགས་མྱུར་ངང་ནས་ཡུལ་སྐོར་ལམ་བུ་བསྐྲུན་ཏེ་བོད་ཡུལ་ལྗོངས་རྒྱུར་སྔོན་འགྲོའི་ཆ་རྐྱེན་བསྐྲུན་པ་དང་ཡུལ་སྐོར་བ་དག་གི་འགྲོ་འོང་ལ་སྟབས་བདེ་བསྐྲུན་ཆེད་རེ་སྨོན་བྱེད་བཞིན་ཡོད་པ་རེད། མིག་སྔར། སྡེ་བ་འདི་ཡི་མི་སྣ་400ལྷག་གིས་སྔོ་ཤུལ་སྡེ་བའི་མཛེས་ལྗོངས་གཟིགས་སྟེགས་བར་ལམ་ཞིང་ལ་སྨི་4ཡོད་པའི་ལམ་བུ་སྤྱི་ལེ་3.5ཙམ་ལེགས་འགྲུབ་བྱུང་ཡོད་པ་རེད།།