དར་མདོ་གྲོང་ཁྱེར་གྱི་ས་ཁུལ་ཁག་ལ་ཁ་བ་ཆེན་པོ་བབས།
ཡོང་ཁུངས། གངས་ལྗོངས་ཉི་གཞོན།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༣ ཚེས་ ༢༢

སྤྱི་ཟླ་3པའི་ཚེས་21ཉིན། དར་མདོ་གྲོང་ཁྱེར་གྱི་ས་ཁུལ་ཁག་ལ་ཁ་བ་ཆེན་པོ་བབས་པ་རེད། རྒྱལ་ལམ་318རྒྱུད་ཀྱི་གཞུང་ལམ་དངོས་སུ་ཁ་བ་ཆགས་ཏེ་རླངས་འཁོར་གྱི་འགྲོ་འོང་ལ་ཤུགས་རྐྱེན་བཟོས། ཡུལ་དངོས་ནས་བླངས་པའི་འདྲ་པར་ལས་ཤེས་གསལ་ལྟར་ན། རླངས་འཁོར་མང་པོ་སྨི་བརྒྱ་ལྷག་ལ་བཀག་ནས་རྒྱུན་ལྡན་ངང་འགྲོ་འོང་བྱེད་མ་ཐུབ་པ་རེད།
གནམ་གཤིས་སྡེ་ཚན་གྱི་མཁོ་འདོན་བྱས་པའི་གནས་ཚུལ་ལྟར་ན། མིག་སྔར་གནམ་གཤིས་གནས་ཚུལ་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། ལམ་ཐག་རིང་བོར་ཕྱིན་པའི་མི་རྣམས་ཀྱིས་ལམ་བར་གྱི་བདེ་འཇགས་དང་སྟབས་བདེའི་ཆེད་དུ་འགྲིམ་འགྲུལ་དོ་དམ་ཀྱི་བརྡ་འཕྲིན་དང་གནམ་གཤིས་ཀྱི་གནས་ཚུལ་ལ་དོ་སྣང་བྱ་དགོས་པ་རེད།།