ཡོང་ཁུངས། བོད་ལྗོངས་འཕྲིན་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༣ ཚེས་ ༡༧
ཁ་བ་བསྟུད་མར་བབས་པ་དང་གངས་རུད་ཀྱིས་རྐྱེན་ནས་ཀྲུང་གོ་དང་བལ་བོའི་བར་གྱི་གཞུང་ལམ་བོད་ལྗོངས་གཉའ་ལམ་རྫོང་ནས་འགྲམ་བར་གྱི་འགྲིམ་འགྲུལ་ཆད་པ་དེ་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་གཉིས་པའི་རུ་འབྲིང་བཅུ་པའི་དཔོན་དམག་གིས་ཆུ་ཚོད ༥༠ ལྷག་འབད་འཐབ་བྱས་པར་བརྒྱུད། སྤྱི་ཚེས ༡༤ ཉིན་གྱི་ཆུ་ཚོད ༡༧ ཐོག་མྱུར་བཅོས་ཤར་གཏོང་ཐུབ་པ། །