ཀྲུང་གོ་ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གི་གུང་གཞོན་ཨུ་ལྷན་གྱིས་ལའེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བླངས་ཞབས་ཞུའི་བྱེད་སྒོ་སྤེལ།
ཡོང་ཁུངས། གངས་ལྗོངས་ཉི་གཞོན།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༣ ཚེས་ ༧

ཉེ་ཆར། ཀྲུང་གོ་ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གི་གུང་གཞོན་ཨུ་ལྷན་གྱིས་དང་བླངས་པ་15རྩ་འཛུགས་བྱས་ནས་དཀར་མཛེས་ཁུལ་གྱི་བུ་གསོ་ཁང་དུ་ལའེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ།
བྱེད་སྒོའི་ཁྲོད། དང་བླངས་པ་རྣམས་ཀྱི་སློབ་མ་110ལ་སློབ་སྦྱོང་དང་ལུས་རྩལ་མཁོ་ཆས་སོགས་སྤྲད་པར་མ་ཟད། ད་དུང་སློབ་མ་རྣམས་དང་མཉམ་དུ་ལའེ་ཧྥུང་གི་སྙིང་སྟོབས་སློབ་སྦྱོང་དང་སྙན་ངག་གྱེར་འདོན། ལུས་རྩལ་འགྲན་སྡུར་སོགས་ཀྱི་བྱེད་སྒོ་བརྒྱུད་དེ་ལའེ་ཧྥུང་གི་ཡ་རབས་སྤྱོད་བཟང་ལ་སློབ་སྦྱོང་བྱས།

དང་བླངས་པ་རྣམས་རྗེས་ཕྱོགས་ཀྱང་འདི་ལྟ་བུའི་སྤྱི་ཕན་གྱི་བྱེད་སྒོ་མང་པོར་ཞུགས་ནས། རང་ཉིད་ཀྱི་ནུས་པར་བརྟེན་ནས་སློབ་མ་རྣམས་ལ་ཡ་རབས་ཚུལ་མཐུན་གྱི་འཚར་ལོངས་ཁོར་ཡུག་ཅིག་བསྐྲུན་པའི་རེ་འདུན་ཡོད་ཅེས་བསྟན།