འབར་ཁམས་གྲོང་ཁྱེར་ལ་ཟས་རིགས་བདེ་འཇགས་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༣ ཚེས་ ༡
        སྤྱི་ཟླ་2པའི་ཚེས་28ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ལམ། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཁག་དང་པོའི་ཟས་རིགས་བདེ་འཇགས་དཔེ་སྟོན་རྫོང་གི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། འབར་ཁམས་གྲོང་ཁྱེར་ཟས་རིགས་བདེ་འཇགས་དཔེ་སྟོན་རྫོང་གི་མིང་ཐོར་ཚུད་པ་རེད། འདིས་འབར་ཁམས་གྲོང་ཁྱེར་གྱི་ཟས་རིགས་བདེ་འཇགས་ཀྱི་འགན་སྲུང་ཆུ་ཚད་དང་ཟས་རིགས་བདེ་འཇགས་ཀྱི་དེང་རབས་ཅན་གྱི་བཅོས་སྐྱོང་ནུས་པ་མཐོར་འདེགས་སུ་གཏང་བར་དགེ་མཚན་ཆེན་པོ་ལྡན་པ་རེད།།