ནིའུ་ཟེ་ལན་གྱི་ས་འོག་ཏུ་འཛམ་གླིང་ཐོག་གི་གླིང་ཆེན་བརྒྱད་པ་ཡོད་པ།
ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༢ ཚེས་ ༢༡

འབྲེལ་ཡོད་གསར་ལམ་ཁག་ལས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་སྤྱིའི་ཚན་རིག་པ་མང་པོ་ཞིག་གིས་ནིའུ་ཟེ་ལན་ཉེ་འཁོར་དུ་ཞི་ལན་གླིང་ཞེས་པའི་སྐམ་ས་ཆེན་པོ་གསར་པ་ཞིག་གསར་དུ་རྙེད་པ་དང་། དེ་ནི་འཛམ་གླིང་ཐོག་གི་གླིང་ཆེན་བརྒྱད་པ་ཡིན་པར་བཞེད། ཚན་ཞིབ་མི་སྣས་བཤད་པ་ལྟར་ན། ཞི་བདེ་རྒྱ་མཚོ་ཆེན་པོའི་ལྷོ་ནུབ་རྒྱུད་དུ་གནས་ཡོད་པའི་གླིང་ཆེན་གྱི་རྒྱ་ཁྱོན་94%མཚོ་ནང་དུ་ནུབ་ཅིང་། ས་ཁུལ་ལ་ལར་དང་ཚང་མས་རྒྱུས་ཡོད་པའི་ནིའུ་ཟེ་ལན་བཅས་མཚོ་ངོས་སུ་མངོན་ཡོད་པ་རེད།།