ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༢ ཚེས་ ༡༣
ཉེ་དུས། ལྷ་ས་གྲོང་ཁྱེར་གྱི༼འཆམ་མཐུན་དང་མཛེས་སྡུག བདེ་ཐང་དང་བདེ་སྐྱིད། ལོ་གསར། ༽བཅས་བརྗོད་བྱ་གཙོ་བོར་བཟུང་པའི་སྤྱི་ལོ་2017 ལོའི་བོད་མེ་བྱ་ལོའི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་འདུ་ཚོགས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་རིག་གནས་ལུས་རྩལ་ལྟེ་གནས་སུ་ཕབ་བཟོ་ལེགས་པར་བྱུང་བ་དེས། མང་ཚོགས་ལ་འདོད་ཡོན་གྱི་གསོལ་སྟོན་རྒྱས་པ་ཞིག་བཤམས་པ་དང་ཆབས་ཅིག་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ། འབྱུང་འཕྲོད་བདེར་གནས། དམངས་འཚོ་ལེགས་བཅོས། སྤྱི་ཚོགས་འཆམ་མཐུན་ལྡན་པའི་ལྷ་སའི་རྣམ་པ་གསར་པའང་འགྲེམས་སྟོན་བྱས་ཡོད།།