ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༢ ཚེས་ ༡༠
སྤྱི་ཟླ་2པའི་ཚེས་8ཉིན་གྱི་སྔ་དྲོར། ལྷ་ལྡན་གཙུག་ལག་ཁང་གི་ལས་དོན་མི་སྣས་སྲོལ་རྒྱུན་ལྟར་གཙུག་ལག་ཁང་མཐའ་འཁོར་གྱི་རིང་ཚད་ལ་སྨི་20ལྷག་ཡོད་པའི་དར་ཆེན་4 ལ་རླུང་རྟ་བརྗེ་བའི་མཛད་སྒོ་སྤེལ་བ་དང་། ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་མང་ཚོགས་ཀྱིས་རྟེན་འབྲེལ་ཤིས་ཚིག་དང་གསོལ་བ་སྨོན་ལམ་རླུང་རྟར་བཀོད་དེ་དར་ཆེན་ཐོག་སྒྲོན་ནས་ལོ་གསར་པར་འཆང་བའི་སྨོན་འདུན་བཟང་པོ་མཚོན་པར་བྱས་ཡོད།