ཨོ་སི་ཐྲ་ལི་ཡའི་ལྕགས་རྟ་ལུས་རྩལ་པ་ཞིག་གིས་འཛམ་གླིང་ཟིན་ཐོ་གསར་པ་བསྐྲུན།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༢ ཚེས་ ༡༠
        སྤྱི་ཟླ་གཉིས་པའི་ཚེས་དགུ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨོ་སི་ཐྲ་ལི་ཡའི་ལྕགས་རྟ་ལུས་རྩལ་པ་Markus 'Max' Stöckལྕགས་རྟར་ཞོན་ནས་ཆི་ལིའི་ཨ་ཐ་ཁ་མ་བྱེ་ཐང་དུ་དུས་ཚོད་གཅིག་ནང་དབྱིན་ལི་104ཡི་མགྱོགས་ཚད་ཀྱིས་རྒྱུགས་ཤིང་། ལོ་ན་42ལ་སོན་པའི་ཁོང་གིས་ནིས་ཨ་ལ་ཀྭ་མེ་རིའི་སྟེང་གསར་དུ་བསྐྲུན་པའི་འཛམ་གླིང་གི་ཟིན་ཐོ་ནི་དུས་ཚོད་གཅིག་གི་ནང་སྤྱི་ལེ་164.95ཡིན་པ་རེད།།