ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༢ ཚེས་ ༩
བོད་ཀྱི་ལོ་གསར་ནི་བོད་རིགས་མི་དམངས་ཀྱི་ངོས་ནས་བཤད་ན་ལོ་གཅིག་གི་ནང་སྲོལ་རྒྱུན་གྱི་དུས་ཆེན་གཟབ་རྒྱས་ཆེ་ཤོས་ཤིག་ཡིན། བོད་ཀྱི་ལོ་གསར་ཤར་ཉེར་ཡོད་པའི་མཚམས་སུ་ལྷ་སའི་བར་སྐོར་ཁྲོམ་ར་ཆེ་མོར་ལོ་གསར་མཁོ་ཆས་བྲིན་ཁ་རྒྱུགས་པ་དང་། ཁྲོམ་རའི་ནང་མི་ཚོགས་ཀྱིས་ཁེངས་པ་དང་ལོ་གསར་མཁོ་ཆས་སྣ་ཁ་མང་ལ་ཕུན་སུམ་ཚོགས་པ་མ་ཟད། འབེལ་ཞིང་གོང་ཚད་བརྟན་པོ་ཡོད་པས་ཉོ་འཚོང་གཉིས་ཀ་ཧ་ཅང་འཁྲུག་པོ་ཡོད།།