མཛོད་དགེ་རྫོང་འ་སྐྱིད་ཞང་གིས་གནམ་ལོ་གསར་པ་བསུ་བའི་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༢ ཚེས་ ༧

        ཉེ་ལམ། མཛོད་དགེ་རྫོང་འ་སྐྱིད་ཞང་གི་སྡེ་བ་སོ་སོས་རྡུང་ལེན་དང་ཞབས་བྲོ། རྟ་རྒྱུག་འགྲན་བསྡུར། ཐག་འཐེན་འགྲན་བསྡུར། སྤོ་ལོ་འགྲན་བསྡུར་སོགས་ཀྱི་མུ་འབྲེལ་བྱེད་སྒོ་སྤེལ་ནས་གནམ་ལོ་གསར་པའི་དགའ་སྟོན་གྱི་དཔལ་ལ་རོལ།།