ལྟག་ཨོ་རྒྱན་ཆོས་འཕེལ་གྱིས་བསྒྱུར་བའི་ཐེ་གུ་ཡི་སྙན་དེབ་གཉིས།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༢ ཚེས་ ༦
       ཉེ་ཆར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱིས། རྒྱ་གར་གྱི་སྙན་ངག་སྨྲ་བ་ཆེན་པོ་ཐེ་གུའམ་ཉི་དབང་མགོན་པོས་མཛད་ཅིང་ལོ་ཙཱ་པ་ལྟག་ཨོ་རྒྱན་ཆོས་འཕེལ་གྱིས་བསྒྱུར་བའི་སྙན་ངག་གི་བསྟན་བཅོས་《དགའ་མ་ལ་ཕུལ་བའི་ལེགས་སྐྱེས།》དང་《རྣམ་གྲོལ།》ཞེས་པ་གཉིས་པར་དུ་བསྐྲུན། དེ་ཡང་འགྱུར་རྩོམ་སྙན་དེབ་དང་པོ་ནི་རང་མོས་སྙན་ངག་དང་གཉིས་པ་ནི་སྲོལ་རྒྱུན་སྙན་ངག་གི་ལུས་སུ་བྱས་ཏེ་ལེགས་པར་བསྒྱུར་ཡོད་ཅིང་། དེབ་ཀྱི་བར་བཅུག་རི་མོ་དག་ཀྱང་ལོ་ཙཱ་པ་ལྟག་ཨོ་རྒྱན་ཆོས་འཕེལ་གྱིས་བྲིས་པའི་སྒྱུ་རྩལ་གྱི་བརྩམས་ཆོས་དག་ཡིན་ལ། ཁྱད་པར་དུ་《དགའ་མ་ལ་ཕུལ་བའི་ལེགས་སྐྱེས།》ཞེས་པའི་ནང་དུ་འགྱུར་རྩོམ་སྙན་ངག་དག་གྱེར་འདོན་གྱིས་ཟེར་སྡེར་དུ་བཅུག་ཡོད་པས། སྙན་ངག་ལ་དགའ་མོས་ཡོད་མཁན་རྣམས་ཀྱིས་གཟིགས་པ་དང་ཉན་པའི་ལོངས་སྤྱོད་ལ་ངོམས་མེད་དུ་རོལ་ཆོག་གོ །