ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༢ ཚེས་ ༤
ལོ་སར་སྐབས་ཀྱི་གུང་གསེང་གི་ཁོམ་པ་དང་བསྟུན་ནས་ཡུལ་ལུང་སོ་སོའི་ཡུལ་སྐོར་བ་མང་པོ་དཀར་མཛེས་ཁུལ་དུ་ཡོང་ནས་ས་གནས་དེ་གའི་ཐུན་མོང་མ་ཡིན་པའི་ལོ་སར་གྱི་སྲོལ་རྒྱུན་དང་མཛེས་སྡུག་གི་རི་ཆུ་ལ་རོལ་མྱོང་བྱས་པ་རེད།
དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་ཕྱོགས་བསྡོམས་ལས་བསྟན་པ་ལྟར་ན། ལོ་སར་སྐབས་དར་རྩེ་མདོ་ཡིས་ཡུལ་སྐོར་བ་མི་གྲངས་ཐེངས་ཁྲི་1.074སྣེ་ལེན་བྱས་ཤིང་། དུས་མཚུངས་བསྡུར་ཚད་ལས་6.2%ལ་འཕར། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་960ཟིན་པ་དང་དུས་མཚུངས་བསྡུར་ཚད་ལས་6.1%ལ་འཕར།།