སོ་ལོ་མོན་གླིང་ཚོམ་དུ་ཚད་རིམ་6.8ཅན་གྱི་ས་འགུལ་བྱུང་བ།
ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡ ཚེས་ ༢༠
2017ལོའི་སྤྱི་ཟླ་1པོའི་ཚེས་20ཉིན། ཨ་རིའི་ས་གཤིས་རྟོག་ཞིབ་ཅུས་ཀྱི་ས་འགུལ་དྲ་བ་ཁག་ལས་བསྒྲགས་པའི་གནས་ཚུལ་ལྟར་ན། སོ་ལོ་མོན་གླིང་ཚོམ་ཉེ་འགྲམ་གྱི་མཚོ་རྒྱུད་དུ་2017ལོའི་སྤྱི་ཟླ་1པོའི་ཚེས་20ཉིན་ཚད་རིམ་6.8ཅན་གྱི་ས་འགུལ་བྱུང་ཞིང་། འགུལ་ལྟེ་ནི་སོ་ལོ་མོན་གླིང་ཚོམ་གྱི་ཅི་ལ་ཅི་ལ་ཡི་ནུབ་ཀྱི་སྤྱི་ལེ་71མཚམས་སུ་ཡོད་པ་དང་། འགུལ་ཁུངས་ཀྱི་ཟབ་ཚད་སྤྱི་ལེ་33.6འདུག