ད་ལོར་ཛམ་ཐང་རྫོང་གིས་སྒོར་དུང་ཕྱུར་16.1བཏང་ནས་རྣམ་གྲངས་141ལག་བསྟར་བྱ་རྒྱུ་རེད།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡ ཚེས་ ༡༧
        ཉེ་ཆར། གསར་འགོད་པས་ཛམ་ཐང་རྫོང་གི་འཕེལ་རྒྱས་བཅོས་སྒྱུར་ལས་ཁུངས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2017ལོར་ཛམ་ཐང་རྫོང་གིས་རྒྱུན་མཐུད་ངང་གཙོ་གནད་ལས་གཞི་དང་མ་འཇོག་སྐུལ་འདེད་དམ་འཛིན་བྱས་ནས། ལས་གཞི་འཛུགས་སྐྲུན་ཇེ་མྱོགས་སུ་གཏོང་བར་སྐུལ་འདེད་བྱ་རྒྱུ་རེད། དེ་ལས་ལས་གཞི་141ལག་བསྟར་བྱ་རྒྱུ་ཡིན་ལ། འཆར་གཞི་ལྟར་ན་སྤྱིའི་མ་འཇོག་ཚད་ནི་སྒོར་དུང་ཕྱུར་16.1ལ་ཉེ་ཞིང་། དེའི་ནང་ཛམ་ཐང་ལྷ་བཟོ་གྲོང་སྡེ་དང་ཛམ་ཐང་རྡོ་བརྐོས་སྤྱི་གླིང་སོགས་གཙོ་གནད་ལས་གཞི་34འདུས་ཡོད། །