《མདོ་སྟོད་ཞིབ་འཇུག》དེབ་གསུམ་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡ ཚེས་ ༡༠

        ཉེ་ཆར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་《མདོ་སྟོད་ཞིབ་འཇུག》དེབ་གསུམ་པ་དཔེ་སྐྲུན་འགྲེམ་སྤེལ་བྱས་ཤིང་། དེབ་འདི་ནི་སི་ཁྲོན་མི་རིགས་སློབ་གླིང་གི་བོད་རིག་པའི་ཞིབ་འཇུག་གི་དཔྱད་རྩོམ་ཆེད་དེབ་ཅིག་ཡིན་ལ། དེབ་འདིར་ཀརྨ་རྒྱལ་མཚན་དང་མུ་པོ། ཚོགས་གཉིས་རབ་རྒྱས། ཡ་མ་མགོན་པོ། བློ་བཟང་ཆོས་འཕེལ། ཀླུ་འབུམ་བྱམས། རང་གྲོལ་རྡོ་རྗེ་སོགས་སི་ཁྲོན་མི་རིགས་སློབ་གླིང་གི་དགེ་སློབ་གཙོས་པའི་རྩོམ་པ་པོ་ཉི་ཤུ་ལྷག་གིས་ནང་བསྟན་གཙོས་པའི་བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་མདོ་སྟོད་མི་ཡི་ཆོལ་ཁར་གྲགས་པའི་ཁམས་ཕྱོགས་ཀྱི་དམངས་སྲོལ་རིག་གནས་དང་ལོ་རྒྱུས། རྩོམ་རིག་སོགས་ལ་ཉམས་ཞིབ་གནང་བའི་དཔྱད་རྩོམ་དག་ཕྱོགས་གཅིག་ཏུ་བསྡུས་ཡོད་པ་རེད།།