ནོར་གནག་རིག་གནས་ཀྱིས་ལྟད་མོ་མང་པོའི་ཡིད་སེམས་འགུག
ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡ ཚེས་ ༥
ཀྲུང་གོ་བོད་ལྗོངས་དྲ་བར་སྤེལ་བའི་གསར་འཕྲིན་ལྟར། ཉེ་ལམ། ནོར་གནག་པེ་ཅིང་དུ་བསྐྱོད་པ-----མཐོ་སྒང་གི་ནོར་གནག་རིག་གནས་འགྲེམ་སྟོན་ཞེས་པའི་ནོར་གནག་རིག་གནས་ཀྱི་འགྲེམ་སྟོན་བྱེད་སྒོ་རྒྱལ་སའི་དངོས་མང་བཤམས་སྟོན་ཁང་དུ་སྤེལ། བོད་ལྗོངས་ནོར་གནག་དངོས་མང་བཤམས་སྟོན་ཁང་གི་རིག་དངོས་རྩ་ཆེན་ཁག་ཅིག་ཐེངས་དང་པོར་པེ་ཅིང་དུ་འགྲེམ་སྟོན་བྱས་ཏེ་ལྟད་མོ་བ་མང་པོར་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ནོར་གནག་རིག་གནས་ཉམས་སུ་མྱོང་དུ་བཅུག་པ་རེད།།








