2016ལོར་ཧུང་ཡོན་རྩྭ་ཐང་ཆེན་མོའི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་14.4ཟིན་པ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡ ཚེས་ ༣
        གསར་འགོད་པས་ཉེ་དུས་ཧུང་ཡོན་རྫོང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2016ལོར་ཧུང་ཡོན་རྩྭ་ཐང་ཆེན་མོའི་ཡུལ་སྐོར་སྤུས་རྟགས་ཧུར་ཐག་གཏོད་དེ་ཡུལ་སྐོར་ལ་བརྟེན་པའི་དཔལ་འབྱོར་འཕར་ཤུགས་ཆེན་པོ་བྱུང་ཡོད། ལོ་ཧྲིལ་བོའི་ནང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1679000ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་14.4ཟིན་ཞིང་ལོ་སྔོན་མ་དང་བསྡུར་ན་12%དང་7%འཕར་ཡོད་པ་རེད།།