ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༢ ཚེས་ ༣༠
ཉེ་ཆར། དཀར་མཛེས་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་གསར་འགྱུར་ཅུས་ཀྱིས་གཙོ་སྒྲུབ་བྱས་ཤིང་དར་མདོ་གྲོང་ཁྱེར་རིག་གནས་སློབ་གསོ་ཅུས་ཀྱི་རོགས་སྒྲུབ་བྱས་པའི་2017ལོའི་ལོ་གསར་པ་བསུ་བའི་མང་ཚོགས་ཀྱི་ལུས་རྩལ་བྱེད་སྒོ་དར་མདོའི་མཛའ་གཞས་ཐང་ཆེན་དུ་སྤེལ། ཉིན་དེར་མཛའ་གཞས་ཐང་ཆེན་དུ་མི་ཚོགས་ཀྱི་རྦ་རླབས་འཕྱུར་ཞིང་དགའ་སྤྲོས་ཁེངས་འདུག