ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༢ ཚེས་ ༢༩
ཕྱི་རྒྱལ་འཕྲིན་སྦྱོར་ཁང་གི་གནས་ཚུལ་སྤེལ་བ་ལྟར་ན། ང་ཚོའི་སྤྱོད་ལམ་དག་ནི་ཀླད་ཆེན་དང་འབྲེལ་བ་དམ་པོ་ཡོད་ནའང་མིག་སྔར་བར་ཀླད་ཆེན་སྔར་བཞིན་མིའི་ལུས་ཀྱི་གསང་བ་ལྐོག་གྱུར་གྱི་གནས་ཤིག་ཡིན་རེད། ཕེ་རུའི་ལི་མ་ཡི་ཀླད་ཆེན་གྱི་དངོས་མང་བཤམས་སྟོན་ཁང་ཞིག་གི་ནང་དུ། མི་རྣམས་ཀྱིས་ཐག་ཉེ་ས་ནས་དངོས་སུ་མིའི་རིགས་ཀྱི་ཆེས་རྙོག་འཛིང་དང་ལྐོག་གྱུར་གྱི་ཀླད་ཆེན་གསང་བར་ཞིབ་གཟིགས་བྱས་པ་རེད།།