ཟུང་ཆུ་རྫོང་གིས“ཡུལ་ཤོག་རེ་ལ་བུ་བཅོལ་ཁང་རེ”ཡི་འཛུགས་སྐྲུན་ཁྱོན་ཡོངས་ལ་ཁེབས་པ།

ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༢ ཚེས་ ༢༢

 

        སློབ་ལོ་མ་རན་པའི་སློབ་གསོའི་ལས་དོན་སྔར་ལས་ཡར་རྒྱས་ཡོང་ཆེད།  ཟུང་ཆུ་རྫོང་གིས་བུ་བཅོལ་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཇེ་ཆེ་བཏང་པ་དང་ཁོར་ཡུག་འཛུགས་སྐྲུན་ལ་ཤུགས་སྣོན།  དེ་མིན་དགེ་རྒན་ཁ་སྣོན་བྱེད་པའི་ཐབས་ཤེས་ལ་བརྟེན་ནས་རྫོང་ཡོངས་ཀྱི་ཡུལ་ཤོག་རིམ་པའི་བུ་བཅོལ་ཁང་ཚང་མས་སློབ་མ་བསྡུས་ཏེ་སློབ་འགོ་བརྩམས། མིག་སྔར།  ཡུལ་ཤོག་རིམ་པའི་བུ་བཅོལ་ཁང་25གསར་འཛུགས་བྱས་པ་དང་། རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ་དག་ཏུ་ཁྱོན་ཡོངས་ནས་ཁེབས་པར་བྱས།།