ལྕགས་ཟམ་རྫོང་གིས་བདེ་ཐང་གི་ཆེད་དུ་མང་ཚོགས་གྲོང་སྐོར་འགྲན་རྒྱུགས་ཀྱི་བྱེད་སྒོ་སྤེལ།
ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༢ ཚེས་ ༢༡
སྤྱི་ཟླ་12པའི་ཚེས་16ཉིན། ལྕགས་ཟམ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་མང་ཚོགས་ཀྱི་བདེ་ཐང་གི་ཆེད་དུ་གྲོང་སྐོར་འགྲན་རྒྱུགས་ཞེས་པའི་བྱེད་སྒོ་དེ་རྫོང་དེ་གའི་དམར་དམག་རྒྱང་སྐྱོད་དྲན་གསོ་ཐང་ཆེན་ཏུ་སྤེལ། མི་སྟོང་གཅིག་ལྷག་ཐེངས་འདིའི་འགྲན་ཚོགས་སྟེང་ཞུགས་ཡོད་ལ། སྐོར་རྒྱུགས་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་4.3ཡོད་པ་རེད།
ཐེངས་འདིའི་བྱེད་སྒོ་ནི“ལུས་རྩལ་སྦྱང་ན་བདེ་ཐང་ལ་ཕན།”ཞེས་པའི་བརྫོད་བྱ་གཙོ་བོར་བཟུང་པ་དང་དམིགས་ཡུལ་ནི་མང་ཚོགས་ཀྱི་ལུས་རྩལ་འཕེལ་རྒྱས་བྱུང་བ་དེ་ཡིན་ལ། མང་ཚོགས་ཡོང་ཀྱི་ལུས་པོ་སྦྱོང་བརྡར་བྱས་ནས་སྤྱི་དམངས་ཀྱི་འཕྲོད་བསྟེན་བདེ་ཐང་གི་འདུ་ཤེས་མཐོར་འདེགས་སུ་ཕྱིན་ཏེ་ལྕགས་ཟམ་རྫོང་གིས་“ཞིང་ཆེན་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར”གྱི་ལས་དོན་ལ་སྐུལ་འདེད་བཏང་རྒྱུ་དེ་རེད།། །