ཀུའུ་ཐེ་ལེ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་བཞེས་པ།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༢ ཚེས་ ༡༤
        སྤྱི་ཟླ་12པའི་ཚེས་12ཉིན། ཉིའུ་ཡོའུ་རུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འོས་བསྐོས་པ་ཁྲང་ཨན་ཏུང་ཉི་ཨའོ་ཀུའུ་ཐེ་ལེ་སི་(གཡོན།)ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུག་ཡིག་ཆེན་མོའི་འགན་བཞེས་པའི་དམ་བཅའ་བཞག མཉམ་འབྲེལ་རྒྱལ་ཚོགས་ཀྱི་འོས་བསྐོས་དྲུང་ཡིག་ཆེན་མོ་ཁྲང་ཨན་ཏུང་ཉི་ཨའོ་ཀུའུ་ཐེ་ལེ་སི་ཡིས་སྤྱི་ཟླ་12པའི་ཚེས་12ཉིན་སྐབས་71པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་སྟེང་དྲུང་ཡིག་ཆེན་མོའི་འགན་བཞེས་པའི་དམ་བཅའ་བཞག ཁོང་གིས་སང་ལོའི་སྤྱི་ཟླ་1པོའི་ཚེས་1པོའི་ཉིན་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་དངོས་སུ་བཞེས་རྒྱུ་རེད།།