2016ལོའི་མངར་འབྲས་མེ་ཏོག་བཞད་ཅེས་པའི་སྐབས་བཞི་པའི་མང་ཚོགས་ཐང་ཆེན་ཞབས་བྲོའི་འགྲན་བསྡུར།
ཐེངས་འདིའི་བྱེད་སྒོ་དེ་ལེ་ཧྲན་གྲོང་ཁྱེར་ཚོང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་དང་ལེ་ཧྲན་ཉིན་རེའི་ཚགས་པར་ཁང་། དཀར་མཛེས་ཉིན་རེའི་ཚགས་པར་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། དཀར་མཛེས་ཁུལ་རིག་གནས་ཁང་དང་དར་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་སྒྲུབ་གཉེར་བྱས་པ་རེད།
འགྲན་བསྡུར་མཇུག་སྒྲིལ་རྗེས་ལྕགས་ཟམ་རྫོང་རིག་གནས་ཁང་འཐུས་མི་རུ་ཁག་གི་ལ་ངོས་ཀྱི་མཛེས་ཉམས་ཞེས་པར་ཨང་དང་པོའི་བྱ་དགའ་ཐོབ་པ་དང་དར་མདོ་ས་ཁུལ་གྱི་རྒན་རྒོན་རིག་གནས་ལུས་རྩལ་མཐུན་ཚོགས་ཀྱི་གངས་ཅན་ཞབས་བྲོ་ཞེས་པར་ཨང་གཉིས་པའི་བྱ་དགའ་ཐོབ། ཁུལ་རིམ་པའི་ཏང་སྲིད་ལས་ཁུངས་དང་ཁེ་ལས་སྡེ་ཚན་གྱི་རྒན་རྒོན་མཐུན་ཚོགས་ཀྱི་འབའ་གཞས་དང་དར་མདོ་གྲོང་ཁྱེར་གུར་དྲག་གྲོང་རྡལ་གྲོང་གསེབ་རྒན་རྒོན་མཐུན་ཚོགས་ཀྱི་རྡོག་བྲོ་ཁྲ་མོ་ཞེས་པ་གཉིས་ལ་ཨང་གསུམ་པའི་བྱ་དགའ་ཐོབ། དེ་བཞིན་དར་མདོ་གྲོང་ཁྱེར་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་དོ་དམ་ཨུ་ལྷན་དང་དར་མདོ་གྲོང་ཁྱེར་ལ་ཁའི་ཉི་འོད་དམར་པོའི་མཐུན་ཚོགས། དཀར་མཛེས་ཁུལ་མང་ཚོགས་རིག་གནས་སྒྱུ་རྩལ་མཐུན་ཚོགས། དར་མདོ་གྲོང་ཁྱེར་མདོ་གྲོང་གསར་པའི་ལས་འཁྱུར་ངལ་གསོའི་མཐུན་ཚོགས། དར་མདོ་ས་ཁུལ་གྱི་ལས་འཁྱུར་ངལ་གསོའི་དགེ་རྒན་མཐུན་ཚོགས་བཅས་རུ་ཁག་ལྔའི་ཞབས་བྲོ་ལ་ཕུལ་བྱུང་གི་བྱ་དགའ་ཐོབ་པ་རེད།

