ཛམ་ཐང་རྫོང་གིས་སི་ཁྲོན་ནུབ་ཕྱོགས་ཀྱི་ཆེས་མཛེས་པའི་སྐོར་ལམ་ཞེས་པའི་རིག་གནས་ཡུལ་སྐོར་སྤུས་རྟགས་བཏོད།
ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༢ ཚེས་ ༧
ཤུགས་ཆེན་པོའི་སྒོ་ནས་སི་ཁྲོན་ནུབ་ཕྱོགས་ཀྱི་ཆེས་མཛེས་པའི་རིག་གནས་ཡུལ་སྐོར་སྤུས་རྟགས་བཏོད་ཆེད། ཛམ་ཐང་རྫོང་ཛམ་ཐང་བར་མ་གྲོང་རྡལ་གྱིས་ཕན་ནུས་ལྡན་པའི་བྱེད་ཐབས་མང་པོ་སྤྱད་ནས། རིམ་བཞིན་དུ་དམངས་ཡོངས་ཟབ་ཞུགས་བྱེད་པའི་ཡུལ་སྐོར་སྲུང་སྐྱོབ་ཀྱི་གོམས་གཤིས་ཡག་པོ་ཆགས་སུ་བཅུག་པ་རེད།།